Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 73

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 74

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 75

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 243

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 246

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 215

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 96

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 109

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 326

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 328

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 449

Warning: Illegal offset type in isset or empty in /home/primerealty/kagyutv.org/libraries/joomla/application/menu.php on line 194

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 403

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 564

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/osmembershipreminder/osmembershipreminder.php on line 30

Strict Standards: Only variables should be assigned by reference in /home/primerealty/kagyutv.org/components/com_osmembership/helper/helper.php on line 22

Strict Standards: Only variables should be assigned by reference in /home/primerealty/kagyutv.org/components/com_osmembership/helper/helper.php on line 941

Strict Standards: Only variables should be assigned by reference in /home/primerealty/kagyutv.org/components/com_osmembership/helper/helper.php on line 1013
Kagyu Monlam - བཀའ་བརྒྱུད་སྨོན་ལམ། Kagyu Monlam - Spreading the seeds of Love and Compassion
 

 

ཕྱི་ལོ་ ༢༠༢༠ ཟླ་བ་ ༢ ཚེས་ ༨ ཉིན་རྒྱབ་ཀྱི་ཕྱག་ཚོད་བཅུ་གཉིས་དང་ཕྱེད་ཐོག་སྨོན་ལམ་ཆེན་མོའི་ཆོས་རའི་ཉེ་འདབས་སུ་ཡོད་པའི་སྒར་ཆེན་ཁང་པའི་ནང་༧སྐྱབས་རྗེ་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་མཆོག་ལ་སྨོན་ལམ་གསར་འགོད་པ་འགའ་ཞིག་ནས་༧སྐྱབས་རྗེ་འབོ་དཀར་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བར་མ་རབ་བྱུུང་གི་སྡོམ་བཞེས་མཛད་པའི་གནད་དོན་འབྲེལ་བའི་བཅར་འདྲི་ཞུ་སྐབས། ༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དྲི་བའི་ལན་དུ་བཀའ་སྩལ་དོན།

༡) དྲི་བ། བར་མ་རབ་བྱུང་གི་སྡོམ་པ་དང་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པའི་དབར་ཁྱད་པར་གང་ཞིག་འབྱེད་དགོས་སམ།
ལན། བར་མ་རབ་བྱུང་ནི་ཡོངས་རྫོགས་དགེ་བསྙེན་ལས་གནས་རིམ་མཐོ་བ་རེད། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཆ་ཚང་གྲུབ་ཟིན་པའི་རྗེས་ནས་བར་མ་རབ་བྱུང་གི་སྡོམ་པ་ཞུ་དགོས་ཀྱི་རེད། བར་མ་རབ་བྱུང་ཞེས་པ་ཡང་དགེ་ཚུལ་གྱི་སྡོམ་པ་ལ་སོགས་པ་མ་ཞུས་པའི་གོང་དུ་སྟོན་པ་ཤཱཀྱ་ཐུབ་པས་ཇི་ལྟར་བཞེས་པ་བཞིན་དུ་ངས་ཀྱང་མ་འོངས་པར་ཞུ་རྒྱུ་ཡིན་བསམ་ནས་ཁས་ལེན་པ་དང་། སྤྱིར་བཏང་ཡོངས་རྫོགས་དགེ་བསྙེན་ཞུས་པ་ཙམ་གྱིས་ཆོས་གོས་རྣམ་གསུམ་གྱོན་ཆོག་གི་མེད། བར་མ་རབ་བྱུང་ཞུ་སྐབས་གཟན་དང་། ཤམ་ཐབས་དང་། ཆོས་གོས་དང་། གདིང་བ་ལ་སོགས་པ་དེ་དག་སློབ་དཔོན་གྱིས་བྱིན་གྱིས་བརླབས་ཏེ་གནང་བ་དེ་སློབ་མས་བཞེས་པ་དང་། མཚན་ཡང་གསར་པ་གནང་གི་ཡོད། དེ་འདྲ་ཡིན་ཙང་ཡོངས་རྫོགས་དགེ་བསྙེན་ལས་གནས་རིམ་ཏོག་ཙམ་མཐོ་བ་རེད།

༢) དྲི་བ། བར་མ་རབ་བྱུང་གི་སྡོམ་པའི་བསྲུང་བྱ་གཙོ་བོ་གང་ཞིག་དང་། དགེ་ཚུལ་གྱི་བསྲུང་བྱ་རྣམས་དང་ཁྱད་པར་གང་ཞིག་ཡོད།
ལན། བར་མ་རབ་བྱུང་གི་བསྲུང་བྱ་གཙོ་བོ་ནི། ཡོངས་རྫོགས་དགེ་བསྙེན་གྱི་བསྲུང་བྱ་དང་སྤང་བྱ་རྩ་བར་བཞག་པའི་སྟེང་དུ། དེ་རིང་ཕན་ཆད་ཁྱིམ་པའི་རྟགས་རྣམས་སྤངས་ནས་རབ་བྱུང་གི་གོས་དང་མི་འབྲལ་བར་བྱ་དགོས་བསམ་པ་དང་། མིང་ཡན་ཆད་ཀྱང་ཁྱིམ་པའི་མིང་སྤངས་ནས་རབ་བྱུང་གི་མིང་ཁོ་ན་བཟུང་གི་ཡིན་སྙམ་པ་དེ་གཉིས་གཙོ་བོ་རེད། སྡོམ་པ་དེ་ནི་དགེ་ཚུལ་སོགས་མ་བསྒྲུབས་པའི་གོང་གི་སྔོན་འགྲོའི་སྡོམ་པ་རེད། སྤྱིར་བཏང་ལོ་ཉི་ཤུ་ལོན་པ་ཡིན་ན་དགེ་བསྙེན་དང་། བར་མ་རབ་བྱུང་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་རྣམས་ཉིན་གཅིག་ནང་སྒྲུབ་པའི་སྲོལ་ཡང་ཡོད། ལོ་ཤས་ཀྱི་བར་མཚམས་བཞག་ནས་རིམ་གྱིས་ཞུ་སྲོལ་སོགས་སྣ་ཚོགས་ཡོད།

༣) དྲི་བ། ཁ་སང་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་སྡོམ་པ་བཞེས་ཕྱོགས་སྐོར་ལ་༧རྒྱལ་དབང་ཀརྨ་པ་མཆོག་ནས་ལམ་སྟོན་གྱི་བཀའ་སློབ་ཅི་འདྲ་ཕེབས་སམ།
ལན། སྤྱིར་བཏང་སྡོམ་པ་ལ་རིམ་པ་མང་པོ་ཡོད། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ནི་ཐོག་མར་ ༢༠༡༥ ལོར་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་༧སྐྱབས་རྗེ་རིན་པོ་ཆེ་མཆོག་ངོས་འཛིན་གནང་རྗེས་སྩལ་བ་དང་། དེའི་རྗེས་སུ་རིམ་པ་གཉིས་པ་ཡོངས་རྫོགས་དགེ་བསྙེན་དང་བར་མ་རབ་བྱུང་གཉིས་ཡོད། དེ་ཡང་༧རྒྱལ་དབང་མཆོག་གིས་ལམ་སྟོན་མཛད་པ་བཞིན་གནས་སྐབས་གྲྭ་ཆས་མ་མནབས་པར་ལོ་ངོ་ལྔ་ཙམ་གྱི་རིང་ཁྱིམ་པའི་རྟགས་དང་ཆ་ལུགས་འཆང་སྟེ་གྲྭ་རྐྱང་དཀྱུས་མ་དང་མཐུན་པར་དགོན་པ་ལ་བཞུགས་ནས་གསན་བསམ་གནང་། དེ་རིང་འདིར་ཡང་སྐབས་སུ་བབ་པ་༧རྒྱལ་དབང་མཆོག་གིས་བཀའ་ཕེབས་པ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་༧སྐྱབས་རྗེ་དྲུང་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་རིམ་པ་གཉིས་པ་བར་མ་རབ་བྱུང་གི་སྡོམ་པ་བཞེས་པ་རེད། དེའི་རྗེས་སུ་དགེ་ཚུལ་སློང་གི་སྡོམ་པ་རིམ་པ་བཞིན་བཞེས་ཆོག་གི་རེད་ཅེས་བཀའ་ཕེབས་སོང་།

དངོས་གྲུབ་ཚེ་རིང་ལགས་ནས་༧སྐྱབས་རྗེ་མཁན་རིན་པོ་ཆེའི་གསུང་སྒྱུར་མཛད་བཞིན་པ།

༤) དྲི་བ། འགའ་ཞིག་གིས་རིན་པོ་ཆེས་སྡོམ་པ་བཞེས་ཕྱོགས་འདི་གསང་བ་བྱས་ཏེ་བཞག་པ་ལས་སྤྱི་ཚོགས་ཀྱི་ཁྲོད་དུ་གང་བྱུང་ཁྱབ་གདལ་བྱ་མི་ཆོག་པའི་གླེང་སློང་ཞིག་འགྲོ་བཞིན་འདུག་ན། ང་ཚོ་གསར་འགོད་པའི་ངོས་ནས་རིན་པོ་ཆེ་མཆོག་གིས་སྡོམ་པ་བཞེས་ཕྱོགས་ཀྱི་ཐད་གང་ཞིག་གསང་བ་བྱ་དགོས་པ་དང་། ཁྱབ་སྤེལ་བྱ་ཆོག་པའི་གནས་ཚུལ་གྱི་ཐོག་ལམ་སྟོན་གྱི་བཀའ་སློབ་དང་། སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་བར་མ་རབ་བྱུང་གི་སྡོམ་པ་བཞེས་སྐབས་སྐུ་གོང་མའི་ཞབས་འབྲིང་འགའ་ཞིག་ནས་ལམ་སྟོན་དང་ཕྱག་རོགས་ཞུས་པ་རེད་ཟེར་བཞིན་འདུག་པས། དྲང་བདེན་གྱི་གཏམ་གང་ཞིག་ཡིན་མིན་རིན་པོ་ཆེ་མཆོག་གིས་གསལ་བཤད་ཅིག་གནང་རོགས།
ལན། སྤྱིར་བཏང་ནས་བཤད་ན་རབ་བྱུང་གི་སྡོམ་པ་དང་། དགེ་ཚུལ་སློང་གི་སྡོམ་པ་ཞུ་སྐབས་མི་གཞན་རྣམས་ཡོང་ཆོག་གི་མེད་ལ། སྡོམ་པའི་གསང་ཚིག་རྣམས་ཀྱང་གཞན་གྱིས་ཐོས་ཆོག་གི་མེད། ཡིན་ན་ཡང་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་ནི་ས་གནས་བྱིན་རླབས་ཅན་ཞིག་ཡིན་སྟབས་སྡོམ་པ་གནང་བའི་གནས་སུ་གདམ་པ་རེད། ཁོར་ཡུག་དེ་ནི་སྤྱི་པས་མཆོད་གནས་བྱེད་ས་དང་། མི་མང་པོ་ཞིག་འཛོམས་ས་ཞིག་ཀྱང་རེད། དེ་འདྲ་ཡིན་དུས་མི་ཚང་མ་ལ་ཡོང་ཆོག་གི་མེད་ཟེར་ནས་འགོག་ཐབས་མེད། ཁོང་རྣམ་པས་ཀྱང་མིག་གིས་བལྟས་པ་དང་མཐོང་བཞིན་ཡོད། ཡིན་ན་ཡང་༧སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་མཆོག་གིས་༧སྐྱབས་རྗེ་རིན་པོ་ཆེ་མཆོག་ལ་སྡོམ་པ་སྩལ་བའི་སྐབས་སྡོམ་པ་གནང་བའི་དངོས་གཞིའི་ཚིག་དེ་ཇི་བཞིན་སུས་ཀྱང་ཐོས་མེད་ལ་དོན་དག་ཀྱང་ཤེས་མེད་སྟབས། དེས་འཐུས་པ་རེད། སྡོམ་པ་གནང་གི་འདུག་བསམ་པ་དང་། གནང་བ་རེད་བསམ་པ་མ་གཏོགས་གསལ་པོ་གང་ཡིན་ཤེས་མེད། སྡོམ་པ་གནང་མཁན་ལ་ཉུང་མཐའ་ལ་མི་ལྔ་ངེས་པར་དུ་ཚང་དགོས། དེ་ཡང་སྡོམ་པ་གནང་མཁན་གཙོ་བོ་དེ་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། དེ་ལ་ཕྱགས་རོགས་ཞུ་མཁན་༧སྐྱབས་རྗེ་གར་དབང་རིན་པོ་ཆེ་དང་། ༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་དང་། ར་ལང་གི་སྒྲུབ་དཔོན་བླ་མ་དང་། ང་དང་མི་ལྔ་ཡོད། ཁོང་རྣམ་པ་ཚང་མ་ལ་འགན་ལེན་གྱི་ཕྱག་ལས་རེ་རེ་ཡོད།

༥) དྲི་བ། ངས་གོ་བ་ལྟར་ན་སྐྱབས་རྗེ་རིན་པོ་ཆེ་མཆོག་རབ་བྱུུང་གི་སྡོམ་པ་མ་བཞེས་གོང་ནས་སྡོམ་པ་ཞུ་འདོད་ཀྱི་བསམ་པ་དང་སྤྲོ་སྣང་ཧ་ཅང་ཆེན་པོ་ཡོད་ཟེར་བཞིན་འདུག་ན། ཐུགས་ཚོར་དེ་གང་འདྲ་ཞིག་འདུག་གམ།
ལན། ཐུགས་ཚོར་ཡོད་རེད། རབ་བྱུང་གི་སྡོམ་པ་དེ་ག་དུས་ཞུ་རྒྱུ་བྱུང་ན་དགོངས་ནས་ཁོ་རང་ལ་ཐུགས་ཚོར་ཤུགས་དྲག་ཡོད་རེད་ལ། ལོ་མང་པོའི་སྔོན་ནས་སྐྱ་ཆས་བསྣམས་བསྡད་ཡོད་རེེད། དེ་ཡང་ད་ལོ་རྡོ་རྗེ་གདན་ལ་སླེབས་དུས་ངའི་སྐྱ་ཆས་དེ་མཐའ་མ་རེད་གསུངས་བྱུང་། འདི་སྔོན་གྱི་བག་ཆགས་རེད། དེ་བཞིན་༧རྒྱལ་དབང་མཆོག་གིས་རབ་བྱུང་གི་ན་བཟའ་གྱོན་པའི་གནང་བ་ག་དུས་སྦྱིན་ཡོང་དགོངས་ནས་བསྒུག་པ་མ་ཟད་ལོ་སྔ་མར་༧རྒྱལ་དབང་མཆོག་ལ་ངོས་ཉིད་ནས་ཐད་ཀར་གནང་བ་ཡང་ཞུས་ཡོད། སྐབས་དེར་༧རྒྱལ་དབང་མཆོག་ནས་ཀྱང་ད་ལྟ་གནས་སྐབས་རིང་ཐུགས་བྲེལ་མ་མཛད་པའི་ལམ་སྟོན་དང་བཀའ་སློབ་ཀྱང་ཕེབས་ཡོད། གང་ལྟར་ཡང་༧སྐྱབས་རྗེ་རིན་པོ་ཆེ་སྐུ་ཉིད་ནས་རབ་བྱུང་གི་ན་བཟའ་བཞེས་རྒྱུར་ཐུགས་སྤྲོ་བ་ཆེན་པོ་ཡོད་ལ། ཁ་སང་བཞེས་དུས་ཀྱང་ཐུགས་མཉེས་ཚོར་ཆེན་པོ་ཡོད་པ་མཇལ་བྱུང་།

༦) དྲི་བ། མ་འོངས་པར་སྐྱབས་རྗེ་རིན་པོ་ཆེའི་སྐོར་ལ་ཐུགས་རེ་གང་འདྲ་ཞིག་ཡོད་དམ།
ལན། ང་ཚོ་ཚང་མའི་རེ་བ་ལ་༧སྐྱབས་རྗེ་རིན་པོ་ཆེ་ཁོང་རང་ཕྱི་སོ་ཐར་གྱི་སྡོམ་པ་དང་ལྡན་པ། ནང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་བསླབ་པ་ལ་ཉམས་བཞེས་གནང་མཁན། གསང་སྔགས་རིག་པ་འཛིན་པའི་སྡོམ་པ་དང་ལྡན་པ། མདོར་ན་སུམ་ལྡན་རྡོ་རྗེ་འཛིན་པར་གྱུར་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་མཛད་མཁན་དང་། ༧རྒྱལ་དབང་ཀརྨ་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་མཐའ་དག་བསྐང་ཐུབ་མཁན། ༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་སྐུ་གོང་མའི་སྤངས་རྟོགས་ཀྱི་ཡོན་ཏན་གང་ཡོད་པ་དེ་ལྟ་བུར་འགྱུར་ཐུབ་པའི་རེ་བ་དང་སྨོན་ལམ་དུས་རྒྱུན་དུ་ཞུ་བཞིན་ཡོད། ཅེས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཀའ་ལན་རྣམས་ཤིན་ཏུ་ལྷོད་པའི་སྒོ་ནས་སྩལ་བྱུང་།
བསམ་མཐར་ནས་ཕབ།

བཀའ་བརྒྱུད་སྨོན་ལམ་གྱི་དྲིལ་བསྒྲགས་ཚན་པའི་ལས་བྱེད་ཁག་ཅིག་བཅར་འདྲི་གྲུབ་རྗེས་ལྷན་དུ་བསྒྲོན་པའི་སྐུ་པར།
Right-Column-Pics33.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་