Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 73

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 74

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 75

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 243

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 246

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 215

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 96

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 109

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 326

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 328

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 449

Warning: Illegal offset type in isset or empty in /home/primerealty/kagyutv.org/libraries/joomla/application/menu.php on line 194

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 403

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/virtualdomains/virtualdomains.php on line 564

Strict Standards: Only variables should be assigned by reference in /home/primerealty/kagyutv.org/plugins/system/osmembershipreminder/osmembershipreminder.php on line 30

Strict Standards: Only variables should be assigned by reference in /home/primerealty/kagyutv.org/components/com_osmembership/helper/helper.php on line 22

Strict Standards: Only variables should be assigned by reference in /home/primerealty/kagyutv.org/components/com_osmembership/helper/helper.php on line 941

Strict Standards: Only variables should be assigned by reference in /home/primerealty/kagyutv.org/components/com_osmembership/helper/helper.php on line 1013
Kagyu Monlam - ༸གྲུབ་དབང་༸སྐྱབས་རྗེ་སངས་རྒྱས་མཉན་པ་མཆོག་གི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་གསུམ་པའི་ཆོས་ཐུན་དང་པོ། Kagyu Monlam - Spreading the seeds of Love and Compassion
 

༸གྲུབ་དབང་༸སྐྱབས་རྗེ་སངས་རྒྱས་མཉན་པ་མཆོག་གི་ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཉིན་གསུམ་པའི་ཆོས་ཐུན་དང་པོ།

སྔ་དྲོའི་ཆར་༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་སྨོན་ལམ་ཆེན་མོ་སྡིངས་ཆའི་བཞུགས་ཁྲིར་འཁོར་རྟིང་རྒྱུན་ལྟར་དབུ་མཛད་ཆེན་མོ་ནས་ཞལ་འདོན་དབུ་འཛུགས་གནང་། ཧི་མཱ་ལ་ཡ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སྦྱིན་བདག་འགའ་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་ནས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཉིན་སྔོན་མ་གསུངས་ཟིན་པ་རྣམས་སླར་ཡང་བསྡུས་དོན་ཚུལ་དུ་གསུངས།
དེ་ཡང་མཚན་སྨོས་པའི་སྐབས་སུ་མཚན་བརྗོད་པ་ཙམ་གྱིས་དབང་པོ་རབ་ཀྱིས་བརྗོད་བྱ་ཡོངས་སུ་རྫོགས་པ་རྟོགས་ཐུབ་པ་དང་། འགྱུར་ཕྱག་གི་སྐབས་སུ་མཁའ་འགྲོ་ཞེས་པ་ཀུན་རྫོབ་དུ་ཟབ་ཆོས་ཀྱི་བདག་པོ་མཁའ་འགྲོ་རྣམས་ཡིན་ཞིང་། དོན་དམ་པར་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་དེ་ལ་ཕྱག་འཚལ་ལོ་ཞེས་སོ།
དཀའ་བ་སྤྱད་ཅིང་བླ་མ་ལ་གུས་ལ།

།ཞེས་པའི་ཚིགས་བཅད་གཅིག་གི་སྐབས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པ་ལ་དཀའ་བ་སྤྱད་པ་ལ་སོགས་པའི་མཚན་ཉིད་བཞི་ལྡན་དགོས་པ་དང་། དེའི་ནང་ནས་ཀྱང་རྣམ་དཔྱོད་ཀྱི་རྩལ་ཤེས་རབ་ལྡན་པ་ནི་གལ་གནད་ཆེ་ཤོས་ཡིན་ཞིང་། རྒྱུ་མཚན་ནི་ཡང་དག་པའི་ཤེས་རབ་ལྡན་ན་མཚན་ཉིད་གཞན་དཀའ་བ་སྤྱད་པ། བླ་མ་ལ་གུས་པ། བཟོད་པ་དང་ལྡན་པ་གསུམ་ངང་གིས་བྱུང་། དེ་ལྟ་བུའི་མཚན་ཉིད་དང་དཔལ་ནཱ་རོ་ལ་ལྡན་པའི་ཤར་ཆུ་བོའི་གངྒཱའི་འགྲམ་དུ་གསུངས་ཞེས་སོ།
ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། །ཞེས་པའི་ཚིགས་བཅད་གཅིག་གིས་གནས་ལུགས་ཕྱག་རྒྱ་ཆེན་པོ་བསྟན་པ་དང་། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །ཚིགས་རྐང་གཉིས་ཀྱིས་གནས་ལུགས་ཉམས་སུ་ལེན་སྟངས་བསྟན་པ་དང་།

དེ་ཡང་རྣམ་རྟོག་གིས་བཅས་བཅོས་སོགས་གང་ཡང་མ་བྱས་པར་མ་བཅོས་པ་གཉུག་མའི་སེམས་ཀྱི་ངང་ལ་མཉམ་པར་བཞག་དགོས། ད་ལྟར་བྱུང་ན་རྟོག་ཚོགས་ཆོས་ཉིད་ཀྱི་ངང་དུ་ཟད་འགྲོ། དེ་ཡང་ཐུན་དང་ཐུན་མཚམས་དབྱེར་མེད་པར་ཉམས་སུ་བླངས་དགོས། གལ་ཏེ་རྗེས་ཐོབ་ཏུ་སྤྱོད་པ་ཐ་མལ་དུ་ཤོར་ན་མཉམ་གཞག་ལ་ངར་དང་་བོགས་མི་ཐོན། དེས་ན་ཐ་ན་གོམ་པ་ཞིག་སྤོ་ན་ཡང་ཐ་མལ་པའི་དབང་དུ་མ་ཤོར་བར་ཉམས་ལེན་གྱིས་རྩིས་ཟིན་དགོས་ཞེས་སོ།

དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །ཞེས་པའི་ཚིགས་བཅད་གཅིག་གིས་སེམས་ངོ་སྐྱོང་ཚུལ་བསྟན། སེམས་ངོ་སྐྱོང་ཚུལ་ནི། གཟུགས་སུ་སྣང་བ་ལ་སོགས་པའི་ཚོགས་དྲུག་གི་ཤེས་པ་ཡུལ་ལ་འཇུག་པའི་ཚེ། ཚོར་བ་བདེ་བ་སྡུག་བསྔལ་བཏང་སྙོམས་ལ་སོགས་པའི་ཚོར་བ་མང་པོ་སྐྱེས། འོན་ཏང་ཚོར་བ་དེ་དག་གི་དབང་དུ་མ་སོང་བར་དེའི་རང་བཞིན་ངོ་ཤེས་པའི་སྒོ་ནས་སྒོམ་གྱི་བོགས་འདོན་པ་བྱུང་ན་ངོ་བོ་སྐྱོང་བ་ཡིན། དེ་ཇི་སྐད་དུ། གང་ཤར་རྟོག་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། ཞེས་གསུངས་པ་ལྟར་རོ་ཞེས་སོ།

དཔེར་ན་ས་རླངས་སྤྲིན་ནི་ནམ་མཁའི་དབྱིངས་སུ་དེངས། །ཞེས་པའི་ཚིགས་བཅད་གསུམ་དང་པྱེད་ཀའི་སྐབས་སུ་གནས་ལུགས་སེམས་ཉིད་འོད་གསལ་དེ་ཉིད་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པས་ནམ་ཡང་རྟོགས་མི་ནུས་ཤིང་། རང་ཉིད་རྩེ་གཅིག་ཏུ་སྒོམ་པ་ཉམས་སུ་ལེན་ནས་ནང་ཉམས་མྱོང་གིས་རྟོགས་དགོས་ཞེས་གསུངས།

ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་མ་དལ་བར་སྡོད། །སོགས་ཀྱི་ཚིགས་བཅད་གཅིག་དང་ཕྱེད་ཀའི་སྐབས་སུ་ལ་བཟླ་ཞེས་པའི་ཚིག་ནི་དཔེ་ཆ་མ་དུ་མ་ཞིག་གིས་མཉམ་གཞག་མཐའ་དག་ལ་འགྲེལ་བཤད་བྱས་མོད། འོན་ཏང་མན་ངག་ཐ་སྙད་དེ་ནི་དེ་ལྟར་མཉམ་གཞག་ཀུན་ལ་མི་གོ་བར། བླ་མའི་མདུན་ནས་མན་ངག་ཚུལ་བཞིན་ཞུས། དེ་རྩེ་གཅིག་ཏུ་ཉམས་སུ་ལེན་ནས་སྒོམ་པའི་སྐབས་སུ་ལ་བཟླ་ཞེས་པའི་ཐ་སྙད་བེད་སྤྱོད་བཏང་དགོས་ཞེས་གསུངས།

སེམས་ལ་གཏད་སོ་སོགས་ཀྱིས་ཚིགས་རྐང་གཉིས་ཀྱིས་པྱག་རྒྱ་ཆེན་པོ་དོན་མ་ལུས་པ་ཧྲིལ་གྱིས་བསྡུས་ནས་བསྟན་པ་ཡིན་ཞེས་གསུངས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། ཞེས་ཚིགས་བཅད་གཅིག་གིས་ཁས་ལེན་དང་ལྟ་བ་བཅས་པ་དང་། མཚན་བཅས་ཀྱི་སྒོམ་པ་དང་སྤྱོད་པ་བཅས་པའི་སྒོ་ནས་ཕྱག་རྒྱ་ཆེན་པོ་རྟོགས་མི་ནུས་ཞེས་གསུང།

ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །ཞེས་པའི་ཚིག་རྐང་གཉིས་ཀྱིས་གོང་དུ་ཁས་ལེན་ལྡན་པའི་སྒོ་ནས་གནས་ལུགས་ཕྱག་རྒྱ་ཆེན་པོ་རྟོགས་མི་ནུས་ཞེས་པའི་རྒྱུ་མཚན་བཤད་པ་ཡིན་ཞེས་གསུངས། ཞེ་འདོད་ནི་ཁས་ལེན་དང་ལྟ་བ་འཛིན་པ་ཡིན། ཞེས་འདོད་གྱིས་སྒོ་ནས་སོ་བྱང་སྔགས་གསུམ་གྱི་སྡོམ་པ་བསྲུང་ན་ཉམས་ལེན་ལ་གྲོགས་བྱ་མི་ནུས་པ་ཡིན། དེས་རྣལ་འབྱོར་གྱི་ཞེ་འདོད་དང་ཡིད་བྱེད་མེད་པའི་སྒོ་ནས་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཉམས་སུ་ལེན་ན་དེ་གནས་ལུགས་སྒོམ་པའི་གྲོགས་སུ་འགྲོ་བ་ཡིན། དེ་ནི་མུན་པའི་ནང་གི་མར་མེ་ལྟ་བུ་ཡིན། ཞེས་སོ། དེ་ཡང་སྤྱིར་སྡོམ་པ་དང་དམ་ཚིག་གི་བསྲུང་བའི་ཕན་ཡོན་མེད་ཅེས་པ་མིན་པར་གཙོ་བོ་འཛིན་པ་དང་ཁས་ལེན་བཅས་ན་ལྟ་བ་གནས་ལུགས་རྟོགས་པར་མི་ནུས་ཞེས་གསུངས།

ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །སོགས་ཀྱི་ཚིགས་བཅད་གཅིག་གི་སྐབས་སུ་སེམས་དེ་ཡིད་བྱེད་དང་བྲལ་བའི་ངང་ནས་གྲོལ་ཐུབ་ན་མི་གནས་པའི་མྱང་འདས་ཐོབ་པར་བསྟན་པ་ཡིན་ཞེས་གསུངས། མི་གནས་ཞེས་པ་ནི་སེམས་བྱུང་གནས་འགྲོ་གསུམ་སོགས་པའི་སྒོ་ནས་བརྟགས་ཀྱང་རང་གི་སེམས་མི་རྙེད། སེམས་དེ་མི་རྙེད་པས་དེ་ཡི་ཡུལ་དམིགས་པ་ཡང་མེད། དེ་ལྟ་བུའི་གནས་ལུགས་དོན་ལས་མི་འདའ་བའི་དམ་ཚིག་དེ་མུན་པའི་སྒྲོན་མེ་ཡིན་ཞེས་གསུངས། དེའི་སྐབས་སུ་རྒྱལ་བ་རྒོད་ཚང་ཆེན་པོའི་མདུང་སྐོར་བརྒྱད་ལས་དམ་ཚིག་གི་མདུང་སྐོར་གསུམ། ཉེས་ལྟུང་དྲི་མས་མ་གོས་དང་། །ཉམས་ཟབ་པ་དྲི་མ་མེད་པ་དང་། །རང་གི་ཁ་འཛིན་ཐུབ་པ་གསུམ། །དམ་ཚིག་མཁའ་ལ་མདུང་སྐོར་གསུམ། །ཞེས་ལུང་འདྲེན་མཛད་ཅིང་དེའི་དོན་རྣམས་རེ་རེ་བཞིན་ཟབ་ཅིང་རྒྱས་པར་གསུངས།

ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །ཚིགས་བཅད་གཅིག་དང་ཚིགས་རྐང་གཅིག་གི་སྐབས་སུ་གོང་དུ་བཤད་པའི་ཞེ་འདོད་ཐམས་ཅད་དང་བྲལ་ན་ཆོས་སྡེ་སྣོད་གསུམ་གསུམ་གྱི་ནང་ནས་གསུངས་པའི་དོན་མ་ལུས་པར་རྟོགས་ནུས་པ་དང་། ཞེ་འདོད་ཐམས་ཅད་དང་བྲལ་བའི་ངང་ནས་གནས་ལུགས་ཀྱི་ངང་དུ་གཞོལ་ན་འཁོར་བའི་བཙོན་ར་ལས་ཐར་བར་གྱུར་ཅིང་། དེ་ཡང་ལྟ་བས་སྒྲོ་འདོགས་གཅོད་པ། སྒོམ་པ་མཚན་མ་མེད་པ། སྤྱོད་པ་མཚན་མ་མེད་པའི་གནས་ལུགས་ཀྱི་ངང་དུ་གཞོལ་ནུས་ཞེས་གསུངས། དེ་ལྟར་བྱུང་ན་ཆོས་འདུལ་བ་ལ་སོགས་པ་སྡེ་སྣོད་རྣམས་ཀྱི་ཚིག་རེ་རེ་ལ་འགྲེལ་མི་དགོས་པར་དེ་དག་གི་གནད་འགག་མ་ལུས་་པར་མཐོང་བ་ཡིན་ཞེས་ཕྱག་ཆེན་གངྒཱ་མའི་རྡོ་རྗེ་ཚིག་རྐང་མཚན་སྨོས་པ་ནས་བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན་ཞེས་པའི་བར་དུ་ཆེས་ཞིབ་ཅིང་རྒྱས་ལ་གནད་ལ་འཁེལ་བ་གསུངས་ནས་ཆོས་ཐུན་སྔ་མ་ལེགས་པར་གྲུབ་ནས་བར་གསེང་དུ་ཕེབས།

གངས་ལ་ཉི་ཤར་ནས།

20190111AM_The Ganges Mahamudra_Teaching 6-5

Right-Column-Pics28.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་